བྱམས་བརྩེ་ཅན་གྱི་ཡུམ་ཆེན། ཆུང་སྦར་མོ་གང་ནས་སྐྱོང། སྡུག་རི་རབ་ཁྱད་བསད་བྱམས་སེམས་བུ་ལ་བཅངས། ཟ་སྡོད་འགྲོ་གསུམ་ཁྱེད་ཀྱིས་བསླབས། ཐུགས་རྗེའི་དྲིན་གྱིས་བུ་ཆུང་འཚར་ལོངས་བྱུང་། ད་ཆ་བུ་ངས་མི་ཡུལ་ལ་ལེགས་སྐྱེས་ཡང་ཡང་བཞག་པའི་དུས། ཡུམ་ཆེན་ལོན་རྒས་ཏེ་དབུ་སྐྲ་དཀར་པོར་གྱུར། བྱམས་བརྩེ་ཅན་གྱི་ཨ་མ་ལགས། ཁྱེད་ཀྱི་བཀའ་དྲིན་ནམ་ཡང་ཡིད་ལ་འཆར། དུས་རབས་གསར་པའི་གཞོན་ནུ་ཚོ། ཡུམ་གྱི་ཐུགས་རྗེ་ནམ་ཡང་སྙིང་དབུས་བཅངས།