作词 : 元旦西然 作曲 : 索南扎巴 ཚིག ཡོན་ཏན་ཤེས་རབ། དབྱངས། སེ་བོ་བསོད་ནམས་གྲགས་པ། ལེན་མཁན། དབང་མོ་བདེ་ཆེན། གསེར་མདོགས་ཉི་མའི་དཀྱིལ་འཁོར།། ཉི་ཟེར་རྒྱལ་ཁམས་ཁྱབ་དུས།། སློབ་དཔོན་པདྨ་འབྱུང་གནས།། ཉི་རྡུལ་ཟེར་ལ་སྤྲུལ་ནས།། དད་ལྡན་འགྲོ་བའི་སྒོ་ཁར།། ཉིན་རེ་ཐེངས་རེ་ཕེབས་དུས།། རང་སེམས་རིན་ཆེན་གླིང་ལ།། མོས་གུས་ཀློང་ནས་བསུ་འགྲོ།། དངུལ་དཀར་ཟླ་བའི་མེ་ལོང་།། ཟླ་བས་མུན་པ་སེལ་དུས།། ཨུ་རྒྱན་པདྨ་འབྱུང་གནས།། ཟླ་བའི་ཟེར་བརྒྱར་སྤྲུལ་ནས།། སྙེགས་དུས་འགྲོ་བའི་སྔས་མགོར།། དགོང་རེ་ལན་རེ་ཕེབས་དུས།། རང་སེམས་འོ་མའི་མཚོ་ལ།། དད་པའི་དབྱིངས་ནས་བསུ་འགྲོ།། འབྱུང་བཞིའི་བར་ཆད་བྱུང་དུས།། སློབ་དཔོན་པདྨ་འབྱུང་གནས་མཁྱེན།། རང་སེམས་རྣམ་པ་འཁྲུལ་དུས།། ཨོ་རྒྱན་རིན་པོ་ཆེ་ཡིས་སྐྱོབ།། 金色太阳明轮 照耀天地四方 感恩莲花大师 化为金色光芒 光明传给学子 银色月亮明镜 驱除世间黑暗 感恩莲花大师 化现月色之光 解惑我的无知 当我迷茫之时 想起莲花大师 当我迷失方向 想起莲花大师