作曲 : 无 作词 : 格桑黑莲 དབྱངས། REMIX 作曲:REMIX གཞས་ཚིག བནྡེ་སྐྱབས། 作词:格桑黑莲 གཞས་པ། བནྡེ་སྐྱབས། Rapper 格桑黑莲 སྒྲ་ལེན་སྒྲིག་སྦྱོར། བནྡེ་སྐྱབས། 录音混音:格桑黑莲 Hook: ཕ་མ་ཡ་ཕ་མ། 祈愿父母 བར་ཆད་མེད་པར་ཤོག 没有挫折 ཕ་མ་ཡ་ཕ་མ། 祈愿父母 ཚེ་རིང་ལོ་བརྒྱ་ཤོག 长寿吉祥 Verse: ང་རང་བྱིས་པ་ཡིན་དུས་ཁྱེད་གཉིས་ལ་དཀའ་ལས་མང་པོ་བཟོས་པས། 从小我就让您们背上了沉重的包袱 རྩེད་མོ་ལ་མགོ་འཐོམ་ཏེ་རྐང་པས་བར་ཆད་ཉོས་པ་མ་ཚོར། 喜欢玩耍的我丝毫没有在意右脚的病痛 རྐྱེན་ངན་ཞིག་གིས་ལན་ཆགས་བཟོས་ཏེ་མིག་མཐའ་མཆི་མས་བརླན་དུས། 一次意外的来临让我的眼泪猝不及防 ཨ་ཕ་ཁྱེད་ཀྱིས་པང་ལ་བཞག་ཏེ་ས་ཕྱོགས་གང་མང་ཞིག་ལ་སྨན་བཅོས་བྱེད་པར་འདུར། 记得父亲您抱着我到各地求医 མཇུག་མཐར་སྨན་པས་གཤག་བཅོས་བྱེད་དགོས་ཟེར་ནས་ཨ་མ་ཁྱེད་ཀྱི་མིག་ཆུ་དེའང་ནམ་ཡང་བརྗེད་པ་མེད། 当我要做手术的那一刻忘不了母亲您伤心的泪 དེ་ནས་བཟུང་སྟེ་ང་རང་གཞན་གྱི་བྱིས་པ་དག་དང་མི་འདྲ་བར། 自从那以后我知道我跟别的小孩不一样 རྩེད་མོ་དང་ཁ་བྲལ་ནས་སློབ་སྦྱོང་ལ་འབད་པ་བྱེད་དགོས་པས། 远离一起玩耍的伙伴开始努力学习 ལམ་སྟོན་སྒྲོན་མེ་དེ་དག་གིས་ང་ལ་ཐུགས་ཁུར་དང་སློབ་གྲོགས་ཚོས་ང་ལ་སྐུལ་ལྕག་གནང་བས། 感谢那些恩师和一起走过来的同学给我的关心和鼓励 མི་བུ་ཆུང་ཆུང་དེས་རྐང་བའི་ན་ཟུག་དོར་ནས་ཀ་ཁའི་འགྱུར་ཁུགས་ཁྲོད་ནས་ནར་སོན་སོང་། ནར་སོན་སོང་། 我渐渐试着忘掉病痛沉浸在知识的海洋 ལས་དབང་གིས་སྡུག་ལ་སྦྱར་བ་ཐེངས་གཅིག་ཙམ་ག་ལ་ཡིན། 也许命运的折磨对我来说并不是一次 གཤག་བཅོས་ཐེངས་གསུམ་ལས་ཁྱེད་རྣམ་གཉིས་ལ་དཀའ་ལས་སྟེར་བ་ཉུང་ཉུང་མིན། 三次手术给您们的负担只有我自己知道 སྡུག་བསྔལ་འདི་དག་ང་མ་གཏོགས་སུ་ཡིས་འཚོར། 这种内心的伤痛也只有我自己知道 ཡིན་ཡང་ང་རང་འཁེང་ར་དང་ལེ་བདའ་མེད་ལ་བློའང་ཕམ་མ་མྱོང་། 但您们没有任何怨言我也始终没有丧志 རྒྱུ་མཚན་ནི་བུ་ལ་བཅངས་བའི་བརྩེ་བ་རྣམ་དག་དེ་རྐྱེན་གྱིས་ཡིན། 也许这就是父母对孩子最纯粹的爱 ཕ་མའི་བརྩེ་བ་ནི་རི་རབ་བཞིན་བརྟན་ཞིང་རྒྱ་མཚོ་ལས་ཟབ། 父爱沉如山母爱深似海 རང་གི་གཅེས་བའི་ལང་ཚོ་དང་རེ་བ་ཡོད་ཚད་བུ་ལ་བཅོལ་ཞིང་། 逝去的青春和仅有的希望都寄托在孩子身上 རྔུལ་ཁྲག་དང་མིག་ཆུ་མཐའ་དག་སེམས་ལ་གཉེར་བ་བུ་ངས་ལོས་ཤེས། 那些心血与眼泪孩儿只能体会 ད་ལྟ་ང་རང་མུ་མཐུད་དུ་མདུན་བསྐྱོད་ཀྱི་ལམ་ལ་ཆས་དགོས་པས། 现在的我要继续前行在路上 ཕ་ལོ་མ་ལོ་ལགས། 亲爱的父亲母亲 བུ་ངས་སྙིང་ནས་ཁྱེད་གཉིས་ལ་བཀའ་དྲིན་ཆེ་ཞུའོ།། 让我对您们说一声谢谢您。 Hook: ཕ་མ་ཡ་ཕ་མ། 祈愿父母 བར་ཆད་མེད་པར་ཤོག 没有挫折 ཕ་མ་ཡ་ཕ་མ། 祈愿父母 ཚེ་རིང་ལོ་བརྒྱ་ཤོག 长寿吉祥