作曲 : 谢旦 作词 : 门普 སྤུན་ཟླའི་འདང་། ཚིག སྨིན་ཕུར། དབྱངས། ཤེར་བསྟན། ལེན་མཁན། ཤེར་བསྟན། རྡོ་རྗེ་དོན་འགྲུབ། ་ ་ ་ ་ ཕན་ཚུན་བརྩེ་བ་ཟབ་པའི་ནུ་བོ་ལགས། ། བསམ་དཀར་གཡོ་སྒྱུ་ཆུང་བ་མི་ཡི་མཆོག ། ངང་བཟང་ཕྱི་ཐག་རིང་ཞིང་ཟུང་ཐུབ་མཁན། ། སྤུན་གྱི་ཡང་རྩེ་ཡིན་པ་སེམས་ལ་ཟུངས། ། ་ ་ ་ ་ ལྷག་བསམ་དུང་ལས་དཀར་བའི་ཕུ་བོ་ལགས། ། ལས་སྨོན་བཟང་པོ་ཞིག་གིས་ངེད་གཉིས་མཇལ། ། སྐལ་བ་བཟང་པོའི་དུས་སུ་ལྷན་འཛོམས་བྱུང་། ། དགའ་བའི་སྙིང་གི་སྤུན་མཆེད་ཁྱེད་རང་ཡིན། ། ་ ་ ་ ་ བརྩེ་བ་ལྷད་དང་མ་འདྲེས་རྡོ་རྗེའི་གཤིས། ། ཨ་གསར་གཡོ་སྒྱུ་དོར་ཞིང་སྙིང་གི་གྲོགས། ། དུང་བ་གང་གིས་མི་མཚོན་སྤུན་ཟླའི་འདང་། ། འགྱུར་མེད་གཡུང་དྲུང་རིས་སུ་བརྟན་པར་སྨོན། ། ་ ་ ་ ་ དེ་རིང་ཕུ་ནུ་འཛོམས་པའི་གླུ་སྐད་འདི། ། ཡ་ཆུང་སེམས་ནས་ཐོན་པའི་དབྱངས་རྟ་ཡིན། ། གངས་རིའི་ལྗོངས་ལ་ཕུལ་བའི་ལྷ་དར་ཡིན། ། ཁ་དགེ་བསམ་འགྲུབ་ཡོང་བའི་སྨོན་འདུན་ཡིན། ། ཁ་དགེ་བསམ་འགྲུབ་ཡོང་བའི་སྨོན་འདུན་ཡིན། ། ་ ་ ་ ་