作曲 : 色格尔 作词 : 色格尔 ཚིག་རྩོམ་མཁན། གསེར་གུར། དབྱངས། གསེར་གུར། གཞས་གཏོང་མཁན། གསེར་གུར། བརྒྱ་ཚོགས་ཁྲོད་ནས་རང་བློར་བབས་པ་ཡི། ། འདྲིས་འདྲིས་སྙིང་དུ་ཟུག་པའི་བྱམས་པ་ལ། ། མི་ཚེ་རྫོགས་ནས་བྲལ་ན་མ་གཏོགས་པའི། ། ཚེ་འདིར་འབྲལ་དུ་མེད་ན་དགའ་བ་ལ། ། ལས་ཀྱི་རླུང་བུ་ཁྱོད་སར་གཡུགས་ནས་སོང་། ། འུ་གཉིས་བར་དུ་དགའ་བའི་ལྕང་ལོ་གཡོ། ། ལྕང་སྡོང་ངོས་སུ་བརྩེ་བའི་འདབ་ལོ་གྲོལ། ། འདབ་མ་འཐོར་དུ་མེད་ན་དགའ་བ་ལ། ། དམ་བཅའི་སྟེང་དུ་འགྱུར་མེད་ལྷ་མནའ་བཞག ། དེ་དང་ལྷན་དུ་ལྷ་ལ་སྐྱབས་འཇུག་ཞུས། ། སུ་དང་གང་གིས་བར་ཆད་མི་གནང་བར། ། ལས་འཕྲོར་ཟད་པ་མེད་ན་དགའ་བ་ལ། །